查看原文
其他

རྩོམ་པ་པོ། ལྡོང་ཡོན་ཏན་རྒྱ་མཚོ།

ལྡོང་ཡོན 阿乍儿雅学术论坛 2022-10-25

དོ་ཁུར་དང་བརྒྱུད་སྐུར་རེ་གནང་རོགས།



ཨ་ཅེ་ལགས། ཁ་པར་མ་གཏོང་། 

ལྡོང་ཡོན་ཏན་རྒྱ་མཚོ།

 

བསྐལ་བ་སྟག་ལ་འབྲེལ་བའི་དགུན་གཞུང་རིང་མོའི་དེའི་ཁ་འཚུབ་ཁྲོད། ཁོ་ཧ་ཅང་དངངས་སྐྲག་གིས་དེད་དེ་ཐོན་དུས། ཅི་ཞིག་ལ་སྒེག་འགྲོས་ངོམ་པའི་ཁྱོད་མཁའ་མཐའི་མཚམས་སྤྲིན་དང་མ་ལ་ཡའི་དྲི་བསུང་གིས་ཉིན་ཞག་བདུན་ལ་གཏན་དུ་བཟི་སོང་སྐད། དེ་ནས་བཟུང་། འོད་དཀར་ཆེམ་ཆེམ་གྱི་གླིང་ཕྲན་དེ་ནས་ཁྱོད་ཀྱིས་རྣལ་འབྱོར་བ་ཆུང་ཆུང་དེའི་གྲིབ་གཟུགས་དང་ཆོས་སྒྲ་ཐན་ཐུན་སྒོམ་སྟེ་གོ་རིམ་མེད་པར་སྐྱབས་སུ་སོང་། ཡོན་མཆོད་བར་ན་དམ་ཚིག་ཤེལ་གྱི་སྒོ་ང་ཡོད་པས་དུས་དང་ཚུལ་བསྟན་གྱིས་བཅགས་ན་ཉེས་པ་རི་ལས་ལྕི་ཡ། དུས་ཡུན་གང་འཚམ་འགོར་རྗེས། ཁྱོད་ཀྱི་དད་པའི་སྙིམ་རྩེ་ནས་འདྲེན་བྱེད་གཞན་ཞིག་གི་སྒྱུ་འཕྲུལ་མཐོང་བས། ཉམས་རྟོགས་ཀྱིས་དབུལ་བའི་རྣལ་འབྱོར་བ་ཆུང་ཆུང་ཡང་ཐེ་ཚོམ་གཞན་ཞིག་གི་དྲ་རྒྱར་ལྷུང་སྟེ་ཁྱོད་གཡོ་ཟོལ་མེད་པའི་ཨ་ཆེར་བཀུར། བཞིན་མདངས་ཤོར་བའི་ཨ་ཅེ་ཁྱོད་དཔོན་ཆེན་གནམ་འདྲ་བ་དེའི་སྲས་མོ་ཡིན་ཕྱིར། ལྟོ་སྐྱ་གོས་ཧྲུལ་གྱི་ནུ་བོ་ཉམ་ཐག་ལ་བྱམས་སྐྱོང་དང་གནང་སྦྱིན་གྲངས་མཐའ་མི་ཟིན་པས། ཁྱོད་ལ་སྒྲོལ་མ་ལྗང་མོའི་མཚན་གྱི་ཅོད་པན་གསོལ་དགོས་ཀྱང་གསོལ་སྲིད་མོད། ཨ་ཅེ་དང་ནུ་བོའི་འདང་བརྩེ་དྲི་མས་མ་གོས་པའི་མེ་ཏོག་རྐྱང་རྐྱང་ཡིན་དགོས་ཨང་། མཁོས་ཆུང་ནུ་བོ། ཐོས་བསམ་ཟུང་གི་སྐྱ་བར་ན་ཉམ་ཐག་གིས་ངལ་དུས། ཨ་ཅེ་ཁྱོད་རང་དབང་གིས་གཉེན་བསྒྲིགས་པའི་ངག་འཕྲིན་ཞིག་འབྱོར་བས། ཁོས་དྷཱིཿ་སྐད་རིང་མོའི་འགྱུར་ཁུགས་ཁྲོད་ནས་ཁྱེད་ཚང་ལ་བདེ་སྐྱིད་ཀུན་འཛོམས་ཀྱི་སྨོན་ལམ་བཏབ། ཆུ་རྐྱང་བཏུང་བར་གོམས་པའི་ནུ་བོས། དབེན་དགོན་ཆུང་ཆུང་དེར་གཏུམ་མོ་མེ་དྲོད་དང་བདེ་ཆེན་ལྷན་སྐྱེས་ལ་སྲེད་ཞེན་གྱི་འགྲམ་ཆུ་ལྡང་དུས། ཨ་ཅེ་ཁྱོད་རང་འཐད་ཀྱིས་གཉེན་འཐོར་བརྒྱབ་པའི་ཡིག་འཕྲིན་ཞིག་འབྱོར་བས། ཁོས་རས་གཟན་སྲབ་མོས་མིག་ཆུ་ཡང་ཡང་ཕྱིས། ཆར་ཆུ་མོད་པའི་སྟོན་མཇུག་ཅིག་ལ། ཁྱོད་ཀྱི་ནུ་བོ་བཀའ་བཀོད་ནན་མོས་རྒྱབ་ནས་དེད། རིགས་ཞེན་གཙང་མས་མདུན་ནས་བསུས་ཏེ། ལྔ་རིག་བསུང་ཞིམ་ལུདཔའི་སྐྱེད་ཚལ་ཞིག་གི་དེད་དཔོན་དུ་གྱུར་བས་ཁོས་ཉིན་ཟླ་ལོ་མཐུད་དང་གཉིད་བཅག་ཟས་བརྗེད་ཀྱིས་མཚར་སྡུག་འབུམ་ལྡན་གྱི་མེ་ཏོག་རེ་རེ་བསྐྱངས་ཤིང་། རང་སེམས་སྤྱོ་དགས་ཁེངས་མོད། དོན་འདིར་ཨ་ཅེ་ཁྱོད་སེམས་བསམ་པའི་གཏིང་ནས་མ་འཐད་ཟེར་བ་བདེན་པར་འདུག  ཉིན་འདི་དག་ལ་ཁྱོད་ཀྱིས་སིལ་སིལ་ཁ་པར་གཏོང་བ་རྒྱུན་མི་འཆད་ལ། ལྷུག་ལྷུག་སྡུག་ཡུས་འདོན་རྒྱུའང་རྫོགས་མཐའ་མེད། གྲོང་ཁྱེར་ན་བདེ་སྐྱིད་ལྡན་ཞིང་ཕྱི་གླིང་ན་འབྱོར་བ་ཡོད་ཀྱང་ཡོད་དུ་ཆུགས། ཁོ་འགྲོ་མི་སྲིད། ལུང་དཀྱོགས་ན་ཐོབ་བྱ་ཉུང་ཞིང་དགེ་རྒན་ལ་མདུན་ལམ་མེད་ཀྱང་མེད་དུ་ཆུགས་ཁོས་འདོར་མི་སྲིད།

ད་དུང་རྣོ་སྐུད་ཕྲ་མོ་བརྒྱུད་དེ་ཤོར་ཡོང་བའི་ཁྱོད་ཀྱི་རྒྱུན་རིང་གི་ན་ཟུག་འགའ་རེས། མཁའ་ངོགས་ཀྱི་ཟླ་བ་སྒོར་མོ་ཁོར་སྒྲ་གཅན་ལྟ་བུའི་དངངས་སྐྲག་བསླངས་འོང་བས། མཉེས་གཤིན་གྱི་བརྩེ་བ་འཇམ་པོ་ས་མཐའི་ནུ་བོར་བཞག་སྟེ། ཨ་ཅེ་ལགས། ཁ་པར་མ་གཏོང་།







ཕྱི་གླིང་པ་དག་གིས་བོད་ཡིག་ལ་མཐོང་ཆེན་བྱེད་པར་རྒྱུ་མཚན་འདི་ཡོད།

རོལ་མོ་རྐྱང་བ་བཟོ་ཐབས་ཡག་ཤོས།

མ་ལག་དགོས་ན་འདི་ན་ཡོད་པས་འབྲེལ

འཕྲིན་ཕྲན་གཙང་སེལ་བྱེད་ཐབས།

ཁ་པར་གྱི་པར་ཆས་ནུས་པ་མཐོ་ཐབས།

སྒྲ་དང་བརྙན་ཕབ་ལེན་བྱེད་སྟངས།

འབུར་གཟུཊ་དང་ཨ་ལོང་སོཊ་བཟོ་ཚུལ

ཡིག་གཟུགས་སྣ་ཚོགས་འཇུག་སྟངས།

སྤྱོད་སྒོ་ཆེ་བའི་མ་ལག ཇུས་འགོད


ཆ་འཕྲིན་ཤེས་བྱ་སྣ་ཚོགས་ཤེས་འདོད་ན་འདི་ནས་འབྲེལ།



ཚང་མས་གོ་དགོས་པའི་དོ་དམ་པའི་གསལ་བཤད།   

འཕྲིན་སྟེགས་ཀྱི་ཁེ་དབང་གཙོ་སྒྲུབ་པ་ཨ་ཙརྱ་ལ་དབང་བས།  

འདི་གར་དོ་དམ་པ་རང་ཉིད་ཀྱིས་ཆེད་དུ་བསྒྲིགས་པའི་ནང་དོན་དག་ཕྲིན་སྟེགས་གཞན་པས་གང་འདོད་དུ་ནང་དོན་དང་ཁ་བྱང་རྐུ་བཤུ་བྱེད་མི་ཆོག་པར་མ་ཟད།  གལ་ཏེ་ནང་དོན་རྐུ་མཁན་ཡོད་ན་རང་ཉིད་ལ་ཁྲིམས་ཀྱི་ཆད་པ་ཕོག་ངེས་པས་དེ་ལུགས་ཐུགས་འཇགས་འཚལ།

ཨ་ཙརྱ་རིག་གཞུང་འཕྲིན་སྟེགས།

ཨ་ཙརྱ་རིག་གཞུང་འཕྲིན་སྟེགས་ནི་བོད་ཁུལ་དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཞིག་ཡིན་ལ། འདིར་བོད་ཀྱི་རིགས་གནས་སློབ་གསོ་དང་འཚོ་བའི་དགོས་མཁོར་དམིགས་པའི་སྒྲ་གཟིགས་སྣ་ཚོགས་རོལ་མྱོང་བྱེད་ཐུབ་ལ། མ་ཟད་དགའ་སྤྲོའི་སྣང་བ་གསོ་བའི་གླུ་གར་བྲོ་གསུམ་སྣ་ཚོགས་ལོངས་སུ་སྤྱོད་ཐུབ་ལ།  དེང་རབས་ཀྱི་གླུ་གཞས་དང་བཞད་གར་སོགས་སྔོན་དང་ད་ལྟའི་རིང་གི་བོད་ཀྱི་ངག་ཐོག་རིག་གནས་གང་མང་དྲིལ་སྒྲོག་དང་གསོག་ཉར་གྱི་ནུས་པ་ཐོན་བཞིན་ཡོད། མདོར་ན་འཕྲིན་སྟེགས་འདི་ནི་གནའ་དེང་གི་རིག་གནས་སྣ་ཚོགས་རོལ་མྱོང་དང་རྒྱུས་ལོན་གནང་སའི་བརྡ་འཕྲིན་གྱི་འཇིག་རྟེན་ཆེན་པོ་ཞིག་ཡིན་ཞིང་ཡིད་འོང་གི་གར་སྟེགས་ཆེན་པོ་ཞིག་ཀྱང་ཅི་ལ་མིན།


ཁྱེད་ཉིད་ཨ་ཙརྱའི་རིག་གཞུང་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་ཕྲན་ལ་རྒྱབ་སྐྱོར་དང་དོ་ཁུར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

གཞན་ཁྱོད་ལ་འཕྲིན་སྟེགས་འདིར་འགོད་དགོས་པའི་རྩོམ་ཡིག་དང་།

གསལ་བརྡ།

ཚོང་ལས་བརྡ་ཁྱབ་ཡོད་ན།

དོ་དམ་པར་སྒེར་ལ་འབྲེལ་བ་བྱོས་དང་རིན་ཧ་ཅང་སླ་བོའི་སྒོ་ནས་ཁྱོད་ལ་རྒྱབ་སྐྱོར་བྱེད།


 སྒྲིག་སྦྱོར་པ་ཨ་ཙརྱ།

您可能也对以下帖子感兴趣

文章有问题?点此查看未经处理的缓存